Thursday, May 5, 2016

མི་དབང་མངའ་བདག་རིན་པོ་ཆེའི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།



འབུལ་བ་ཕུལ་ལུགས་དང་ཕྱག་དབང་བཅར་ལུགས་ཚུ་ག་ར་རྗེ་མཁན་གྱི་སྐབས་དང་ཆ་འདྲཝ་ལས་ཁྱད་པར་ཡོད་མི་ཚུ་བཤད་ནི་ཨིན།  
དང་པ་ཕྱག་འཚལ་བའི་སྐབས་འབད་བ་ཅིན་ཕྱག་ཐེངས་དང་པའི་སྐབས་སུ་ལགཔ་གཡས་པ་གིས་ལགཔ་གཡོན་པའི་ཨོག་བལྟབ་ཁར་བཀལ་ཏེ་ཡོད་པའི་བཀབ་ནེའི་མཐའམ་འདི་སྦམ་ཏེ་འཐུ་ཞིནམ་ལས་ལགཔ་ཐལ་མོ་མ་སྦྱར་བར་འཚལ་ནི་དང་ཕྱག་ཐེངས་གཉིས་པ་དང་གསུམ་པའི་སྐབས་ལག་གཡོན་པའི་ཨོག་བལྟབ་ལུ་ཐེངས་གཅིག་བཀལ་ཏེ་སླར་གཡས་སུ་འཐེན་པའི་འཕྲལ་ལས་ལགཔ་ཐལ་མོ་སྦྱར་ཏེ་འཚལ་ནི་ཨིན། 

གལ་ཏེ་ཕྱག་མ་འཚལ་ཟེར་གསུང་པ་ཅིན་དེ་འཕྲལ་ལས་ཟོང་དང་དར་གང་ཡོད་བཏང་ཞིནམ་ལས་ཕྱག་དབང་བཅར་ནི་ཨིན།འདི་མ་ཚད་ཕྱག་མཇལ་དང་སྦྲགས་ཏེ་ཞུ་ཡིག་གཞན་ཕུལ་ནི་ཡོད་པ་ ཅིན་ལག་གཡོན་པའི་གུ་ཞུ་ཡིག་གི་ཁ་ཡིག་གདོང་ཁར་བཏོན་ཞིནམ་ལས་ཁ་ཡིག་གི་ཡིག་ འབྲུའི་མཇུག་ཕྱག་དབང་བཅར་མི་རང་གི་ཁོངས་སུ་དང་ཡིག་འབྲུའི་མགུ་ལག་རྩེའི་ ཁོངས་སུ་སྦེ་བཀལ་ཞིནམ་ལས་སྐུ་མདུན་ལུ་ལྷོད་པའི་ འཕྲལ་ལས་ཞུ་ཡིག་འདི་ཕྱག་དབང་བཙུག་མི་གི་ལག་པར་སྤྲོད་དེ་ཕྱག་ཕུད་གསུམ་ཕུལ་ ཏེ་མདུན་བཀལ་འོག་གི་ཟོང་དེ་བཏང་ནི་ཨིན།
གཉིས་པཕྱག་དབང་ཞུ་ནི་འདི་རྗེ་མཁན་ལས་མ་གཏོགས་གཞན་ལས་ཞུ་སྲོལ་མེད།
ཞབས་ཀྱི་གཟིགས་ས་ལུ་ཨ་ཞེ་དང་བློན་པོ་ཚུ་ལུ་ཕྱག་དབང་བཅར་ནི་དང་གུས་ཞབས་འབད་ནི་ཚུ་མི་ཆོགཔ་མ་ཚད་ཞལ་འཛོམས་ནང་བཟུམ་ཅིག་འབད་རུང་ མི་དབང་མངའ་བདག་རྒྱལཔོ་བཞུགས་ཡོད་པ་ཅིན་ཞབས་ལུ་ཕྱག་དབང་བཅར་ཏེ་རང་གྱལ་ཁར་སྡོད་ནི་དང་། ཞབས་མ་བཞུགས་པ་བློན་པོ་ལེ་ཤ་ཡོད་པ་ཅིན་དམངས་ཁར་ཚར་གཅིག་ཕྱག་དབང་བཅར་ཞིནམ་ལས་སར་སྡོད་ནི་མ་གཏོགས་སྡོད་ཞུ་འབད་བའི་སྐབས་བློན་པོ་རེ་ལུ་ཚར་རེ་ཕྱག་དབང་བཅར་མི་དགོས།

No comments:

Post a Comment