Thursday, May 5, 2016

དགོངས་སྐོར་སྔ་ཕྱི་རིམ་པ་གསུམ།



དགོངས་སྐོར་དང་པ་ནི།
རྗེ་ཨིན་པ་ཅིན་བླ་གཟིམ།རྒྱལཔོ་ཨིན་པ་ཅིན་རྒྱལ་གཟིམ།སྐུ་འཁོར་དང་ལྷན་རྒྱས་ཀྱི་རིགས་ཨིན་པ་ཅིན་སྒེར་དྲུང་ཚུ་ལས་བརྒྱུད་དེ་སྐུ་མདུན་ལུ་བཅར་ཆོག་པའི་གནང་བ་ཞུ་མི་འདི་ལུ་གོ་ནི་ཨིན།

དགོངས་སྐོར་གཉིས་པ་ནི།
འདི་བཅར་ཆོག་པའི་གནང་བ་ཐོབ་ཞིནམ་ལས་འབུལ་བ་འདི་ཚུ་ལེགས་ཤོམ་སྦེ་བསྒྲིགས་ཏེ་གོང་མས་གསུངས་པའི་ཚེ་གྲངས་འདི་ཁར་བཅར་བའི་སྐབས།བཅར་མི་འདི་ནང་ན་མ་འཛུལ་བའི་ཧེ་མ་བཙུག་མི་འདི་གིས་སྐུ་མདུན་ལུ་བཅར་ཏེ་མི་ངོམ་འདི་གི་ངོ་སྤྲོད་གཡུས་མིང་དང་འབུལ་བ་་བཅར་དགོ་པའི་གནད་དོན་ཚུ་ཞུ་སྟེ་ནང་ན་བཙུག་ཆོག་པའི་གནང་བ་ཞུ་མི་ འདི་ལུ་གོ་ནི་ཨིན།
དགོངས་སྐོར་གསུམ་པ་ནི།
ཕྱག་དབང་བཅར་མི་འདི་གིས་འབུལ་བ་འདི་ཕྱག་དབང་བཙུག་མི་ལུ་སྤྲོད་ཞིནམ་ལས་བཙུག་མི་འདི་གིས་སྐུ་མདུན་ལུ་འབུལ་བ་ཕུལ་བའི་སྐབས་སུ་ཕྱག་མཇལ་འདི་དང་འདི་ཟེར་ཞུ་མི་འདི་ལུ་གོ་ནི་ཨིན།

No comments:

Post a Comment