Saturday, May 7, 2016

སྐུ་འཁོར་དང་ལྷན་རྒྱས། གཉིས་སྐལམ་སོགས་ཀྱི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།



སྐུ་འཁོར་དང་ལྷན་རྒྱས་ཀྱི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།
འབུལ་བ་ཕུལ་ ཐངས་རྗེ་མཁན་གྱི་སྐབས་དང་ཆ་འདྲཝ་ལས་ཁྱད་པར་ཡོད་མི་ཚུ་བཤད་ནི་ཨིན།སྐུ་མདུན་ བཅར་ཞིནམ་ལས་འབུལ་བ་འདི་ རང་སོའི་ཕུལ་ཐངས་དང་བསྟུན་ཕྱག་དབང་བཙུག་མི་འདི་གི་ལག་པར་སྤྲོད་ཞིནམ་ལས་ རྐངམ་གཡསཔ་གོམ་ཐེངས་གཅིག་གདོང་ཁར་སྤོ་སྟེ་ལག་པའི་རྩེ་རྐང་པའི་ཚིགས་ཏོ་ཚུན་ བཀབ་ནེ་ཕབ་སྟེ་ཕྱག་དབང་བཅར་ཞིནམ་ལས་རང་ལས་ཞུ་ནི་ཡོད་རུང་ཞུ་ནི་དང་ཞུ་ནི་ མེདན་རྒྱབ་བཤུད་རྐྱབ་སྟེ་གཟུམ་ཅུང་སྒོ་ཁར་འཐོན་འགྱོ་ནི་མ་གཏོགས་རྗེ་མཁན་ལུ་ བཟུམ་སྦེ་ཕྱག་འཚལ་ནི་དང་ཕྱག་དབང་ཞུ་ནི་ཚུ་མེད།བཀབ་ནེ་མེད་པར་ བཅར་བའི་སྐབས་སུ་བཅར་ཆོག་པའི་གནང་བ་ཐོབ་ཞིནམ་ལས་སྐུ་མདུན་འཛུལཝ་ད་རྐངམ་ གཉིས་མཉམ་གཅིག་གཞིབས་ཞིནམ་ལས་རྐངམ་གཡསཔ་ཐེངས་གཅིག་གདོང་ཁར་སྤོ།ལགཔ་གཉིས་ ཀྱི་བར་ན་སྒྱིད་གང་ཙམ་གྱི་ས་སྟོང་བཞག་སྟེ་མཛུབ་མོ་མར་བརྐྱངས་ཞིནམ་ལག་རྩེ་ རྐང་པའི་ཚིགས་ཚུན་གུར་ཏེ་ཕྱག་དབང་བཅར་ནི་མ་གཏོགས་ལགཔ་ཕུ་དུང་ནང་བཙུག་མི་དགོ

དཔོན་གཉིས་སྐལ་མའི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།
ཕྱག་དབང་བཅར་ཐངས་གོང་གི་ལྷན་རྒྱས་ཀྱི་སྐབས་དང་འདྲ་རུང་ཕྱག་དབང་བཅར་བའི་སྐབས་བཀབ་ནེ་ཡོད་རུང་མེད་རུང་ལག་རྩེ་ངར་ གདོང་ཚུན་གུར་ཏེ་བཅར་ནི་ཨིན།
ཆིབས་ཞོན་པའི་རིགས་ལུ་བཅར་ལུགས།
ཕྱག་དབང་བཅར་ ཐངས་གཉིས་སྐལམ་ཚུ་དང་འདྲ་རུང་ཕྱག་དབང་བཅར་བའི་སྐབས་ཧེ་མ་འབད་བ་ཅིན་ཆིབས་ ཞོན་པའི་རིགས་ལུ་ལགཔ་ གཡོན་པའི་མདུན་བཀལ་གྱི་ཨོག་བལྟབ་ནང་གི་བཀབ་ནེའི་མཐའམ་འདི་ལགཔ་གཡས་པ་གིས་ བཏོན་ཞིནམ་ལས་ལག་གཉིས་གཞིབས་ཐོག་ལས་བཟུང་སྟེ་སྐེདཔ་སྒུར་ཙམ་འབད་ནི་མ་གཏོགས་ མདུན་བཀལ་ཕབ་མི་དག ཨིན་རུང་ད་རེས་ནངས་པ་ག་ར་དང་ཤོ་མཚུངས་དང་གུས་ ཞབས་ཀྱི་ཚུལ་ལུ་བཀབ་ནེ་ཡོད་རུང་མེད་རུང་མདུན་བཀལ་ཕབ་སྟེ་སྐེདཔ་སྒུར་ཙམ་འབད་ དེ་ཕྱག་དབང་བཅརཝ་ཨིན།
གོ་གནས་མཉམ་པའམ་ཁྱད་པར་ཆེན་མོ་མེད་མི་ཕན་ཚུན་འབྱོན་ཞུ་འབད་ལུགས།
ཡིག་ཚང་དང་ གཟིམ་ཅུང་ག་ཏེ་ལུ་ཨིན་རུང་གཟུགས་ཁར་བཀབ་ནེ་ཡོད་མེད་ག་དེ་སྦེ་ཨིན་རུང་དང་པ་ ཕྱི་ཁ་ལས་བྱོན་མི་འདི་གིས་སྐེདཔ་སྒུར་ཙམ་གྱི་ཕྱག་ལེན་འབདཝ་ད་ནང་ན་བཞུགས་མི་ འདི་གི་ཡང་བཞུགས་གདན་ཡང་ན་རྐང་ཁྲི་ག་ཅི་གུར་སྡོད་དེ་ཡོད་རུང་བཞེངས་ཞིནམ་ལས་ ཕྱག་ལེན་འདྲན་འདྲ་འབད་ནི་ཨིན།བཞུགས་པའི་སྐབས་སུ་ཡང་བཀབ་ནེ་བཀབ་སྟེ་ཡོད་པ་ ཅིན་མདུན་བཀལ་མ་ཕབ་པར་སྔར་ག་ཨིན་སྦེ་ ་བཞག་སྟེ་སར་སྡོད་ཞིནམ་ལས་ཕྱག་མཇལ་རེ་ཕུལ་ནི་ཡོདན་སྡོད་ཚར་ཞིནམ་ལས་ཕྱག་ གཡོག་ལུ་སྤྲོད་ནི་ཨིན།སྡོད་པའི་སྐབས་སུ་་ལོ་ན་རྒན་གཞོན་གྱི་ཁྱད་པར་སྦོམ་ ཡོདན་འདི་དང་འཁྲིལ་ཏེ་སྡོད་ནི་དང་དེ་མིན་ཕྱི་ཁ་ལས་འོང་མི་གི་མགྱོནམ་འདི་ གྲལ་འགོར་བཞུགས་བཅུག་ དགོཔ་ཨིན།

No comments:

Post a Comment