Thursday, May 5, 2016

རྗེ་མཁན་དང་བླ་ཆེན་ཚུ་གི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།



ཕྱག་མཇལ་དང་བཅསཔ་འབད་བཅར་བའི་སྐབས་སུ་སྐུ་མདུན་གྱི་ཐུགས་སྟབས་དང་བསྟུན་ཏེ་བླ་གཟིམ་ཚུ་གིས་དགོངས་སྐོར་ཞུ་ཞིནམ་ལས་བཅར་ཆོག་པའི་གནང་བ་ཐོབ་ད་ཕྱག་མཇལ་ཚུ་ལེགས་ཤོམ་སྦེ་སྡེབ་སྒྲིགས་ཞིནམ་ལས་བཙུགས་མི་འདི་གིས་དོ་རུང་དགོངས་སྐོར་གཉིས་པ་ཞུ་ནི་དང་གོང་མས་ནང་ན་བཙུག་ཟེར་བཀའ་གནང་པ་ཅིན་བཙུག་མི་འདི་གིས་ཁྱིད་དེ་བཅར་མི་འདི་བཀབ་ནེའི་མདུན་བཀལ་ཕབ་སྟེ་གཟིམ་ ཅུང་ནང་ན་འཛུལ་ནི་ཨིན།ནང་ན་ལུ་ལྷོད་ཞིནམ་ལས་གཟིམ་ཅུང་གི་ཆེ་ཆུང་དང་བསྟུན་ཡར་ལོང་སྡོད་པའི་སྐབས་ཕྱག་དབང་བཙུག་མི་འདི་ རང་གི་གཡས་ཁ་ཐུག་ལུ་སྡོད་འོང་། དེ་ལས་འབུལ་བ་ཕུལ་ཐངས་འདི་ཡང་་་་་་་་་་་་་

འབུལ་བ་ལུ་དབྱེ་བ་ལེ་ཤ་ཅིག་སྡེབ་སྒྲིགས་འབད་དེ་ཕུལ་ནི་ཡོདཔ་ལས་ག་དེམ་ཅིག་འབད -
འབུལ་བ་དོས་སྣ་གི་རིགས་སྒྲིགས་ཏེ་བཅར་ནི་ཨིན་པ་ཅིན་- 
བཅར་མི་འདི་ནང་ན་འཛུལ་བའི་སྐབས་སུ་ཁ་དར་ལག་གཡོན་པའི་མདུན་བཀལ་འོག་ ལུ་བཙུག་སྟེ་འབག་དགོདང་ནང་ན་ལྷོད་ཞིནམ་ལས་དང་པ་རང་ཕྱག་ཐེངས་གསུམ་འཚལ་ནི་ཨིན།ཕྱག་འཚལ་བའི་བསྒང་ལུ་དོས་འབག་མི་༼སྐུ་མདུན་གྱི་ཕྱག་ཞུ་མི༽ཚུ་ཕྱག་དབང་བཅར་མིའི་རྒྱབ་ལས་ཐད་འཕྲང་སྟེ་དོས་ཚུ་ཕངམ༌བཏབ༌སྟེ༌གཟུང་སྡོད་ནིདང་བཅར་མི་འདི་ཕྱག་འཚལ་ཚརཝ་ཅིན་བླ་གཟིམ་གྱིས༌འབུལ་བ་འདི་ལེན་ཏེ་ཟུར་གཅིག་ཁར་ཡང་ན་སྐུ་མདུན་ལུ་ལྟབས་བདེ་དོ་དང་བསྟུནན་ཕུལ་ནི་ཨིན།
འབུལ་བ་ཟོང་ཆ་སྒྲིགས་ཏེ་བཅར་བ་་ཅིན-- 
ཟོང་གི་སྐབས་སུ་ཟོང་དང་གཅིག་ཁར་ཁ་དར་ཕུལ་སྲོལ་མེདཔ་ལས་ཟོང་ཆ་གསུམ་ཚུན་ལས་མེད་པ་ཅིན་ཟོང་འདི་བཅར་མི་དེའི་ལགཔ་གཡོན་པའི་མདུན་བཀལ་འོག་བཙུགས་ཏེ་ཕྱག་ཐེངས་གསུམ་འཚལ་ཞིནམ་ལས་ཟོང་གི་མཇུག་གི་མཐའམ་རྐངམ་གཡོན་པའི་རྟིངམ་ཁ་ཐུག་བཏང་སྟེ་མགོ་བླ་གཟིམ་གྱི་ ལག་པར་སྤྲོད་ནི་ཨིན།གལ་ཏེ་ཟོང་ཆ་གསུམ་ལས་མང་སུ་ཡོད་པ་ཅིན་བཅར་མི་འདི་ནང་ན་ལྷོད་ཞིནམ་ལས་དང་པ་ཕྱག་ཐེངས་གསུམ་འཚལ་ནི་ཨིན། ཕྱག་འཚལ་བའི་བསྒང་ལུ་ཟོང་འབག་མི་ཚུ་ཕྱག་དབང་བཅར་མིའི་རྒྱབ་ལས་ཐད་འཕྲང་སྟེ་ཟོང་ཚུ་གཟུང་སྡོད་ནི་དང་བཅར་མི་འདི་ཕྱག་འཚལ་ཚརཝ་ཅིན་བླ་གཟིམ་གྱིས་ཟོང་ལེན་ཏེ་སྐུ་མདུན་ལུ་ཕུལ་ནི་ཨིན།འདི་གི་སྐབས་སུ་བླ་གཟིམ་གྱིས་ཟོང་འདི་སྔར་བཞིན་བཏབ་སྟེ་ཕུལ་འོང་།
ཟོང་ལུ་དབྱེ་བ་དམར་ཟོང་༼ཧོར་ཡོད་མི༽།སྐྱ་ཟོང་༼ཧོར་མེད་མི༽།རྒྱ་ཟོང་༼རྒྱ་ལས་འཐོན་པ༽ཟེར་གསུམ་ཡོདཔ་ཨིན།གལ་ཏེ་ཟོང་གི་རྒྱུ་ལེགས་ ཤོམ་ཁྱད་པར་འཕགས་པ་སྦེ་ཡོད་པ་ཅིན་ཟོང་གདན་ཁ་ཤ་གཅིག་དང་ཁ་རྒྱན་སྨན་རྩེ་ཡང་ན་དགོས་ཆེན་བཀལ་དགོཔ་ཨིན།
ཕྱག་མཇལ་འབྲུ་དང་ཤིང་འབྲས་ཀྱི་རིགས་རྩམ་ཁུག་དང་བང་ཁྲ།ཟངས་ཞོངས་ཚུ་ནང་བཀང་སྟེ་བཅར་བ་ཅིན- 
འདི་གི་སྐབས་སུ་ཕྱག་མཇལ་དང་གཅིག་ཁར་ཁ་དར་འབག་ནི་འདི་ལྟབས་མ་བདེཝ་ལས་ཕུལ་སྲོལ་མེདཔ་ཨིན་པས།བཅར་མི་འདི་བཙུག་མི་གི་རྟིང་ཤུལ་བདའ་སྟེ་ཟངས་གཞོང་ཡང་ན་རྩམ་ཁུག་འདི་ཚུ་ནང་བཀང་སྟེ་ཡོད་པའི་འབུལ་བ་འདི་་བཀབ་ནེ་མདུན་བཀལ་ཕབ་པའི་ལགཔ་གཡོན་པའི་ཨོག་ལྟབ་གུ་བཀལ་ཏེ་ནང་ན་འཛུལ་ཏེ་གཟིམ་ཅུང་གི་ཆེ་ཆུང་དང་ལྟབས་བདེ་དོ་དང་བསྟུན་ཡར་ལོང་སྡོད་ཞིནམ་དང་པ་རང་བཅར་མི་འདི་གིས་ལགཔ་གཡོན་པའི་ཨོག་བཏབ་གུར་ཡོད་པའི་འབུལ་བ་འདི་ལགཔ་གཉིས་ཀྱི་གུས་ཚུལ་དང་བཅས་བླ་གཟིམ་ལུ་ཕུལ་ནི་དང་བླ་གཟིམ་གྱིས་ལེན་ཏེ་ཟུར་གཅིག་ཁར་ཡང་ན་སྐུ་ མདུན་ལུ་ལྟབས་བདེ་དོ་དང་བསྟུན་ཕུལ་ནི་ཨིན།
ཕྱག་མཇལ་གསོལ་མཛར་ཕུལ་ཏེ་བཅར་བའི་སྐབས་སུ་ 
 འདི་གི་སྐབས་སུ་ཕྱག་མཇལ་དང་གཅིག་ཁར་ཁ་དར་འབག་ནི་འདི་ལྟབས་མ་བདེཝ་ལས་ཕུལ་སྲོལ་མེདཔ་ཨིན་པས།ནང་ན་ལུ་འཛུལ་བའི་སྐབས་སུ་བཅར་མི་འདི་གིས་གསོལ་དཀྲུམ་ཟླ་པ་དང་གསོལཝ་གི་ལག་ཆུང་གང་རུང་འབག་ནི་དང་བཟའ་འཐུང་གི་རིགས་གཞན་ཚུ་ཕྱག་ཞུ་མི་གིས་ལགཔ་གཡོན་པའི་ཨོག་བཏབ་གུར་བཀལ་ཏེ་རྒྱབ་ལས་ལོང་སྟེ་སྡོད་ནི་དང་བཅར་མི་འདི་གིས་ནང་ན་ལྷོད་ཞིནམ་ལས་གསོལ་དཀྲུམ་ཡང་ན་གསོལཝ་གི་་ལག་ཆུང་ག་ འབག་ཡོད་མི་འདི་བླ་གཟིམ་ལུ་སྤྲོད་ནི་ཨིན།
དེ་ལས་བླ་གཟིམ་གྱིས་འབུལ་བ་འདི་ཚུ་གོང་ལུ་བཤད་དོཝ་བཟུམ་སྦེ་འབུལ་བའི་དབྱེ་བ་བསྟུན་ཏེ་འབུལ་ཟོང་ཨིན་རུང་།དོས་ཨིན་རུང་།གསོལ་འཛར་ལ་སོགས་ག་ཅི་ཨིན་ཏེ་འབད་རུང་འབུལ་བ་འདི་ཚུ་ཕུལ་ཚར་ཞིནམ་ལས་འབུལ་བ་དོས་ཀྱི་སྐབས་ཨིན་པ་ཅིན་ཕྱག་དབང་བཅར་མི་ འདི་གིས་་ལགཔ་གཡོན་པའི་མདུན་བཀལ་འོག་ལུ་ཡོད་མི་གི་དར་ལག་གཡསཔ་གིས་ལེན་ཏེ་ལགཔ་གཡོན་པའི་ཀི་ལི་མན་ཆད་ཀྱི་ཐད་ལུ་ བཏང་སྟེ་དར་གྱི་མཐའམ་བླ་གཟིམ་གྱི་ལག་པར་སྤྲོད་ནི་ཨིན།འབུལ་བ་གཞན་ཟོང་དང་གསོལ་འཛར་སོགས་ཀྱི་སྐབས་ཁ་དར་ལོག་སུ་ཕུལ་ སྲོལ་མེད་རུང་ཕུལ་འདོད་ཡོད་པ་ཅིན་ནང་ན་འཛུལ་བའི་སྐབས་ལུ་རང་གི་ཧེམ་ཅུང་ནང་བཙུག་སྟེ་འབག་ཞིནམ་ལས་འབུལ་བ་ཕུལ་དེ་ལས་ཁ་དར་ཧེམ་ཅུང་ནང་ལས་བཏོན་ཏེ་ཕུལ་རུང་མ་བཏུབ་མེདཔ་ཨིན། དེ་ལས་ཕྱག་ཐེངས་གསུམ་འཚལ་ཏེ་བླ་གཟིམ་གྱིས་ཁ་དར་ཡང་ན་འབུལ་བ་འདི་སྐུ་མདུན་ལུ་ཕུལ་བའི་སྐབས་བཅར་མི་འདི་གིས་རྐངམ་ གཡསཔ་གོམ་ཐེངས་གཅིག་གདོང་ཁར་སྤོ་སྟེ་ལག་རྩེ་ས་ཁར་ཚུན་བཀབ་ནེ་མདུན་བཀལ་ཕབ་སྟེ་ཕྱག་དབང་བཅར་ཞིནམ་ལས་ལགཔ་ གཡོནམ་བཀབ་ནེ་དང་སྦྲགས་ཁ་བསུབས་ཏེ་བཞུགས་ཁྲིའི་རྩ་བ་ལས་་གུས་བཏུད་དང་བཅས་སྐེདཔ་བསྒུར་ཏེ་ཕྱག་དབང་ཞུ་ནི་ཨིན།ཕྱག་དབང་ཞུ་ཚརཝ་ད་ལགཔ་གཡོནཔ་གིས་ཁ་བསུབས་ཏེ་ཡོད་མི་འདི་བཏང་ཞིནམ་ལས་སྐེདཔ་དུམ་དྲ་ཅིག་བསྒུར་ཏེ་རྒྱབ་བཤུད་གོམ་ཐེངས་གཉིས་ གསུམ་ཙམ་རྐྱབ་སྟེ་སྡོད་དགོ འདི་གི་སྐབས་ རང་ལས་ཞུ་ནི་དང་གོང་མ་ལས་བཀའ་ག་ནི་ཡང་གནང་ནི་མེད་པ་ཅིན་གོ་ལེ་སྦེ་ཕྱི་ཁར་འཐོན་ འགྱོ་དགོ་ནི་དང་འཐོན་འགྱོ་བའི་སྐབས་སུ་བླ་གཟིམ་གྱིས་བཅར་མི་འདི་གདོང་ཁར་བཙུགས་ཏེ་ཕྱི་འཐོན་ནི་ཨིན།
ལག་སྟོང་ཕྱག་དབང་བཅར་ལུགས།  
ལག་སྟོང་ཕྱག་དབང་བཅར་བའི་སྐབས་སུ་དང་པ་རང་བླ་གཟིམ་གྱིས་དགོངས་སྐོར་ཞུ་སྟེ་བཀའ་ཡི་གནང་བ་ཐོབ་ད་བཀབ་ནེ་མདུན་བཀལ་ མར་ཕབ་སྟེ་ནང་ན་འཛུལ་ཞིནམ་ལས་ཕྱག་ཐེངས་གསུམ་འཚལ་ནི་ཨིན།དེ་ལས་རྐངམ་གཡསཔ་གོམ་ཐེངས་གཅིག་གདོང་ཁར་སྤོ་ཕྱག་དབང་བཅར་ཞིནམ་ལས་བཀབ་ནེ་ཕབ་སྟེ་སྐུ་མདུན་ལུ་ཕྱག་དབང་ཞུ་ལུགས་དང་ཕྱི་ཁར་འཐོན་འགྱོ་ལུགས་ཚུ་གོང་གི་དང་འདྲ།
བཀབ་ནེ་མེད་པར་ཕྱག་དབང་བཅར་ལུགས། 
 བཀབ་ནེ་མེད་པར་ཕྱག་དབང་བཅར་ནི་དེ་རྩ་ལས་རང་མ་ཆོགཔ་ཨིན་རུང་གལ་ཏེ་སྟབས་མ་བདེཝ་རེ་བྱུང་སྟེ་བཅར་དགོཔ་བྱུང་ན། དགོངས་སྐོར་ཞུ་སྟེ་གནང་བ་ཐོབ་ད་སྐུ་མདུན་འཛུལ་ཏེ་ཕྱག་ཐེངས་གསུམ་འཚལ་ཞིནམ་ལས་ལགཔ་གཡོནམ་དེ་གོ་གི་ཕུ་དུང་ནང་བཙུགས་ཏེལག་རྒྱན་འདི་གིས་ཁ་དང་སྣ་གཉིས་བསུབས་ཏེ་རྐངམ་གཡསཔ་གོམ་ཐེངས་གཅིག་གདོང་ཁར་སྤོ་སྟེ་མགུ་པུས་མོའི་ཐད་ཙམ་བསྒུར་ཏེ་ཕྱག་ དབང་བཅར་་ཞིནམ་ལས་སྐུ་མདུན་ལུ་ཕྱག་དབང་ཞུ་ནི།དེ་ལས་གོམ་ཐེངས་གཉིས་གསུམ་འདེ་ཅིག་རྒྱབ་བཤུད་རྐྱབ་སྟེ་བཀའ་ཉན་ཞུ་འབད་ ཞིནམ་ལས་ཕྱི་ཁར་འཐོན་འགྱོ་ནི་ཨིན།

No comments:

Post a Comment